ཨི་ཙེའི་སྐོར་གྱི་གལ་ཆེའི་གོ་རྟོགས་ཤེས་བྱ།...

2
ན་འ་འགོས་བ་བཀག་འགོག་ད་ཐབས། ལག་དབ་འདའ་བད་མ་གཞན་ལ་གོ་ོགས་ལ་བ་དང་ོབ་ གསོ་ོད་པ། རང་ཉད་ལ HIV ན་འ་འགོས་ཡོད་མད་བག་དད་དང་ མ་གཞན་ལ་མ་འགོས་པའ་ཆད་ོན་འགོག་ཚད་ན་ད་པ། ་ཚགས་ནང་ HIV ཨ་ཙ་ཡོད་མཁན་་མ་མས་ལ་ཉ་རང་ ད་འད་མ་ད་པ། གལ་ད་ཨ་ཙ་ོན་འགོག་ོར་ཤས་འདོད་དང་། ོབ་གསོ། བ་ ོར་བཅས་དགོས་ཚ་འད་གའ་ཁ་ང་ཐོག་འཛམ་ཟོན་མད་པར་ འལ་བ་གནང་རོགས། མ་ལ་ཨ་ཙ་འགོས་པར་ཐོག་མར་ (HIV) ན་འའ་ན་ཚད་ད་ འགོས་་ཡོད། (HIV) ཨ་ཆ་ཨའ་ཝ་ཟར་བའ་དན་ཡག་བས་ ཚག་འད་ས་བཤད་ས་ན་ Human Immunodeficien- cy Virus རད། གོ་དོན་ས་འཇོམས་ག་ན་ནད་འ་ཞག་རད། (H) Human འོ་བ་མ། (I) Immunodeficiency ནད་འགོག་ས་པའ་ས། (V) Virus ནད་འ། འོ་བ་མའ་ནད་འགོག་ས་ས་འཇོམ་པར་ད་མཁན་་ནད་འ་ ཞག་ལ་གོ་ཆོག བས་ཚག་ཨ་ཙ་ (AIDS) ཅས་པ་འད་ས་པར་བཤད་ན། Acquired Immune Deficiency Syndrome ནད་ འགོག་ས་པ་ཉམས་པའ་ན་ཚ་འགོས་པར་གོ། A (Acquired) འགོས་པ་ (ན་པ)། I (Immune) ནད་འགོག་ས་པ། D (Deficiency) ཉམས་པ། S (Syndrome) ན་ཚ། ནད་འགོག་ས་པ་ཉམས་པའ་ན་ཚ་འགོས་པར་ (AIDS) ཨ་ཙའ་ འགོས་ནད་ཟར། (HIV) ན་འ་འད་་དང་་དང་། འོ་བ་མའ་ས་ངས་་ ་ང་ནང་འཚ་གནས་བ་པ་ལས། ་དང་་དང་མའ་གགས་ པོའ ་བན་གཤར་དང་ལ་ཚ། ་རོལ་་རང་ང་ཁོར་ག་ག་ནང་ ་རང་ས་ས་ར་མ་ ༣ ནས་ ༥ བར་ལས་འཚ་མ་བ་པ་འཆ་ འོ་ཡ་ཡོད། ཐབ་ཆས་དང་ཕོར་པ་སོགས་མཉམ་་ོད་པ། ་ོད་གསང་ོད་དང་། འ་ཁང་། ་ང་། འང་་སོགས་ མཉམ་་ོད་པ། HIV ན་འ་ད་ང་དང་ས་པོའ ་འ་་དངོས་ད་ནས་ བ་དར་འོ་ཡ་མད། ན་འ་འགོས་པའ་གས་མཚན། HIV ན་འ་ཡོད་པའ་མ་འགའ་ཤས་ལ་ནད་གས་་བ་ནས་ མད་ད། མ་འགའ་ཤས་ན་འ་འགོས་ནས་ཉན་ཤས་ས་ཚ་བ་འཕར་བ་ དང་། འམ་་ཐོན་པ། ན་ོས་པ། མན་པ་ན། ཁ་དང་མན་ པར་་འམ་ཐོན་པ། ས་་ཚགས་དང་ཤ་ས་ལ་ན་གས་ གཏོང་བ་སོགས་འང་ད། ན་འ་འགོས་ཡོད་མད་ཇ་ར་ཤས་སམ། གལ་ད་ད་ལ་ HIV ན་འ་འགོས་ཡོད་པའ་ཚར་ང་ བས་ཚ་ངས་པར་་ག་གམ་ཡང་ན་ཁ་ད་མཆ་མ་སོགས་ བག་དད་ད་དགོས། གལ་ད་བག་དད་ད་ HIV ན་འ་མ་ཐོན་པ་དང་། ་ བ་གམ་ན་ནས་ན་འ་ཡོད་པའ་མ་དང་ས་འལ་ས་ མད་ཚ། ད་རང་ལ་ནད་གཞ་ད་མད་པ་ཡད་ཆས་ོས། གལ་ད་བག་དད་ད་ HIV ན་འ་ཐོན་ཚ་་མད་ མག་ོང་བག་དད་གང་དགོས་ངས་པར་ད་དགོས། ན་འ་ཡོད་ན་ན་བཅོས་ཡོད་དམ། ནད་གཞ་དར་ན་བཅོས་་ཐབས་མད་ང་ན་དང་་ོང་ འོག་མ་ཚ་རང་་འོ་བ་དང་ས་པོའ ་གནས་ང་ཡར་ས་ ཡོང་བའ་ཐབས་ཤས་ཡོད། ོན་འགོག་ན་ང་ོབ་་ཐབས་ལམ་ཡག་ཤོས་ད་ཡན། འཛམས་ང་ནང་མ་ས་ཡ་ ༣༥ ག་ HIV ཨ་ཙ་ཡས་མནར་ ཡོད། ༄༅། །ཨ་ཙ་ན་ཚ་ར་་གལ་ ཆའ་ག་གས་ཤས་། Lha Office, Temple Road McLeod Ganj-176219 Dharamshala Distt. Kangra. (H.P) India www.lhasocialwork.org www.contactmagazine.net www.tibetnature.net Phone: 01892-220992 Mobile: 9882323455 ་་ཚགས་ཞབས་་དང་ཤས་ཡན་་གནས་ཁང། LHA CHARITABLE T RUST INSTITUTE FOR SOCIAL W ORK AND EDUCATION ་་ཚགས་ཞབས་་དང་ཤས་ཡོན་་གནས་ཁང་ན་་ཚགས་ ཞབས་་ཆད་་བགས་པ་ཞག་ཡན་ཞང་ཚགས་པའ་གཞ་འ་ དམགས་ལ་ན་་ཚགས་ནང་གཞ་རམ་མང་ཚགས་ལ་དགོས་ མཁོ་ཆ་བའ་མང་དོན་མངས་པའ་་ཚགས་ཞབས་འ་ལས་ དོན་་མང་་་ད་ཡན། ཚགས་པའ་ོར་ཞབ་་མན་འདོད་ ཡོད་ཚ་གཤམ་་་་ཁག་ལ་གཟགས་རོགས་། 4 5

description

ཨི་ཙེའི་སྐོར་གྱི་གལ་ཆེའི་གོ་རྟོགས་ཤེས་བྱ། ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་འགྲེམས་སྤེལ་བྱས།

Transcript of ཨི་ཙེའི་སྐོར་གྱི་གལ་ཆེའི་གོ་རྟོགས་ཤེས་བྱ།...

Page 1: ཨི་ཙེའི་སྐོར་གྱི་གལ་ཆེའི་གོ་རྟོགས་ཤེས་བྱ།

སྲིན་འབུ་འགོས་ཁྱབ་བཀག་འགོག་བྱེད་ཐབས།

ལག་དེབ་འདིའི་བརྒྱུད་མི་གཞན་ལ་གོ་རྟོགས་སྤེལ་བ་དང་སློབ་•

གསོ་སྤྲོད་པ།

རང་ཉིད་ལ HIV སྲིན་འབུ་འགོས་ཡོད་མེད་བརྟག་དཔྱད་དང་• མི་གཞན་ལ་མི་འགོས་པའི་ཆེད་སྔོན་འགོག་ཚད་ལྡན་བྱེད་པ།

སྤྱི་ཚོགས་ནང་ HIV ཨེ་ཙི་ཡོད་མཁན་གྱི་མི་རྣམས་ལ་ཉེ་རིང་• དབྱེ་འབྱེད་མི་བྱེད་པ།

གལ་སྲིད་ཨེ་ཙི་སྔོན་འགོག་སྐོར་ཤེས་འདོད་དང་། སློབ་གསོ། རྒྱབ་སྐྱོར་བཅས་དགོས་ཚེ་འདི་གའི་ཁ་བྱང་ཐོག་འཛེམ་ཟོན་མེད་པར་འབྲེལ་བ་གནང་རོགས།

མི་ལ་ཨེ་ཙི་འགོས་པར་ཐོག་མར་ (HIV) སྲིན་འབུའི་ན་ཚད་དེ་འགོས་ཀྱི་ཡོད། (HIV) ཨི་ཆི་ཨའེ་ཝི་ཟེར་བའི་དབྱིན་ཡིག་བསྡུས་ཚིག་འདི་རྒྱས་བཤད་བྱས་ན་ Human Immunodeficien-cy Virus རེད། གོ་དོན་ནུས་འཇོམས་དུག་སྲིན་ནད་འབུ་ཞིག་རེད། (H) Human འགྲོ་བ་མི། (I) Immunodeficiency ནད་འགོག་ནུས་པའི་རྫས། (V) Virus ནད་འབུ།འགྲོ་བ་མིའི་ནད་འགོག་ནུས་རྫས་འཇོམ་པར་བྱེད་མཁན་གྱི་ནད་འབུ་ཞིག་ལ་གོ་ཆོག

བསྡུས་ཚིག་ཨེ་ཙི་ (AIDS) ཅེས་པ་འདི་རྒྱས་པར་བཤད་ན། Acquired Immune Deficiency Syndrome ནད་འགོག་ནུས་པ་ཉམས་པའི་ན་ཚ་འགོས་པར་གོ། A (Acquired) འགོས་པ་ (སྨིན་པ)། I (Immune) ནད་འགོག་ནུས་པ། D (Deficiency) ཉམས་པ། S (Syndrome) ན་ཚ།ནད་འགོག་ནུས་པ་ཉམས་པའི་ན་ཚ་འགོས་པར་ (AIDS) ཨེ་ཙིའི་འགོས་ནད་ཟེར།

(HIV) སྲིན་འབུ་འདི་སྤྲ་དང་སྤྲེའུ་དང་། འགྲོ་བ་མིའི་ལུས་ཟུངས་ཀྱི་ཕྲ་ཕུང་ནང་འཚོ་གནས་ཐུབ་པ་ལས། སྤྲ་དང་སྤྲེའུ་དང་མིའི་གཟུགས་པོའ་ིབརླན་གཤེར་དང་བྲལ་ཚེ། ཕྱི་རོལ་གྱི་རང་བྱུང་ཁོར་ཡུག་གི་ནང་དུ་རང་ནུས་ཀྱིས་སྐར་མ་ ༣ ནས་ ༥ བར་ལས་འཚོ་མི་ཐུབ་པ་འཆི་འགྲོ་ཡི་ཡོད།

ཐབ་ཆས་དང་ཕོར་པ་སོགས་མཉམ་དུ་སྤྱོད་པ།•

སྤྱི་སྤྱོད་གསང་སྤྱོད་དང་། འཁྲུ་ཁང་། ཆུ་རྫིང་། འཐུང་ཆུ་སོགས་• མཉམ་དུ་སྤྱོད་པ།

HIV སྲིན་འབུ་དེ་རླུང་དང་ལུས་པོའ་ིཕྱིའི་སྐྱེ་དངོས་རྒྱུད་ནས་• ཁྱབ་དར་འགྲོ་ཡི་མེད།

སྲིན་འབུ་འགོས་པའི་རྟགས་མཚན།

HIV སྲིན་འབུ་ཡོད་པའི་མི་འགའ་ཤས་ལ་ནད་རྟགས་རྩ་བ་ནས་• མེད་སྲིད།

མི་འགའ་ཤས་སྲིན་འབུ་འགོས་ནས་ཉིན་ཤས་རྗེས་ཚ་བ་འཕར་བ་• དང་། འབྲུམ་བུ་ཐོན་པ། རྨེན་ཁྲོས་པ། མགྲིན་པ་ན། ཁ་དང་མགྲིན་པར་རྨ་འབྲུམ་ཐོན་པ། ལུས་ཀྱི་ཚིགས་དང་ཤ་རྒྱུས་ལ་ན་ཟུགས་གཏོང་བ་སོགས་འབྱུང་སྲིད།

སྲིན་འབུ་འགོས་ཡོད་མེད་ཇི་ལྟར་ཤེས་སམ།

གལ་སྲིད་ཁྱེད་ལ་ HIV སྲིན་འབུ་འགོས་ཡོད་པའི་ཚོར་སྣང་• སླེབས་ཚེ་ངེས་པར་དུ་ཁྲག་གམ་ཡང་ན་ཁ་ལུད་མཆི་མ་སོགས་བརྟག་དཔྱད་བྱེད་དགོས།

གལ་སྲིད་བརྟག་དཔྱད་རྒྱུད་ HIV སྲིན་འབུ་མི་ཐོན་པ་དང་། ཟླ་• བ་གསུམ་ཚུན་ནས་སྲིན་འབུ་ཡོད་པའི་མི་དང་ལུས་འབྲེལ་བྱས་མེད་ཚེ། ཁྱེད་རང་ལ་ནད་གཞི་དེ་མེད་པ་ཡིད་ཆེས་བྱོས།

གལ་སྲིད་བརྟག་དཔྱད་རྒྱུད་ HIV སྲིན་འབུ་ཐོན་ཚེ་མུ་མཐུད་• མཇུག་སྐྱོང་བརྟག་དཔྱད་གང་དགོས་ངེས་པར་བྱེད་དགོས།

སྲིན་འབུ་ཡོད་ན་སྨན་བཅོས་ཡོད་དམ།

ནད་གཞི་དེར་སྨན་བཅོས་བྱ་ཐབས་མེད་ཀྱང་སྨན་དང་ལྟ་སྐྱོང་• འོག་མི་ཚེ་རིང་དུ་འགྲོ་བ་དང་ལུས་པོའ་ིགནས་སྟང་ཡར་རྒྱས་ཡོང་བའི་ཐབས་ཤེས་ཡོད།

སྔོན་འགོག་ནི་སྲུང་སྐྱོབ་ཀྱི་ཐབས་ལམ་ཡག་ཤོས་དེ་ཡིན། •

འཛམས་གླིང་ནང་མི་ས་ཡ་ ༣༥ ལྷག་ HIV ཨེ་ཙི་ཡིས་མནར་• ཡོད།

༄༅། །ཨེ་ཙི་ན་ཚ་སྐོར་གྱི་གལ་

ཆེའི་གོ་རྟོགས་ཤེས་བྱ།

Lha Office, Temple Road McLeod Ganj-176219 Dharamshala

Distt. Kangra. (H.P) Indiawww.lhasocialwork.org

www.contactmagazine.netwww.tibetnature.net

Phone: 01892-220992Mobile: 9882323455

ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང།

Lha CharitabLe trust institute For soCiaL Work and eduCation

ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ནི་སྤྱི་ཚོགས་ཞབས་ཞུ་ཆེད་དུ་བཙུགས་པ་ཞིག་ཡིན་ཞིང་ཚོགས་པའི་གཞི་རྩའི་དམིགས་ཡུལ་ནི་སྤྱི་ཚོགས་ནང་གཞི་རིམ་མང་ཚོགས་ལ་དགོས་མཁོ་ཆེ་བའི་མིང་དོན་མཚུངས་པའི་སྤྱི་ཚོགས་ཞབས་ཞུའི་ལས་དོན་སྣེ་མང་བྱ་རྒྱུ་དེ་ཡིན། ཚོགས་པའི་སྐོར་ཞིབ་ཕྲ་མཁྱེན་འདོད་ཡོད་ཚེ་གཤམ་གྱི་དྲྭ་རྒྱ་ཁག་ལ་གཟིགས་རོགས་ཞུ།

4 5

Page 2: ཨི་ཙེའི་སྐོར་གྱི་གལ་ཆེའི་གོ་རྟོགས་ཤེས་བྱ།

ནད་ངན་ཨེ་ཙི་ན་ཚའི་བྱུང་རིམ་སྐོར།

འཇིགས་སུ་རུང་བའི་ནད་ངན་ཨེ་ཙི་ AIDS བོད་སྐད་དུ་༼སྲིན་འབུ་འཁྲུགས་པའི་ནད་༽དང་ཡང་ན་༼གཉན་ནད་རེག་དུག་༽ནི། ཕྱི་ལོ་ ༡༩༨༡ ལོའ་ི ཟླ་ ༦ ཚེས་ ༥ ཉིན་ཨ་རིའི་འགོས་ནད་ཆེད་མཁས་མི་སྣས་ཐོག་མར་ངོས་འཛིན་དང། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཡོངས་ཁྱབ་གསལ་བསྒྲགས་བྱས་ཡོད་པ་རེད། གསལ་བསྒྲགས་བྱས་ནས་མི་ལོ་ ༣༣ ཙམ་གྱི་རིང་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚོད་དཔག་བྱས་པ་ལྟར་ན། འཛམ་གླིང་ནང་མི་གྲངས་ས་ཡ་ ༦༠ ཙམ་ལ་ན་ཚ་འདི་འགོས་པ་མ་ཟད། མི་གྲངས་ས་ཡ་ ༣༠ ལྷག་ཙམ་གྱི་ཚེ་སྲོག་འཕྲོག་ཟིན་པ་དང་། མི་གྲངས་ས་ཡ་༣༥ ཙམ་མུ་མཐུད་ནས་ནད་ངན་འདིས་མནར་ཡོད། བོད་ཕྱི་ནང་གཉིས་ཀྱི་སྤྱི་ཚོགས་ནང་ལའང་ནད་ངན་འདི་དར་ཁྱབ་འགྲོ་བཞིན་པ་དང་། བོད་རིགས་སྤུན་ཟླ་བརྒྱ་ཕྲག་འགའ་ཤས་ཀྱི་ཚེ་སྲོག་འཕྲོག་ཟིན་ཅིང་། ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༣ ཉིན་ཤེས་རྟོགས་བྱུང་དོན་ལྟར་ན་འཕྲོད་བསྟེན་ལས་ཁུངས་ལ་དངོས་སུ་འབྲེལ་གཏུགས་བྱུང་བའི་ཐོ་གཞུང་ནང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཨེ་ཙི་ནད་པ་གྲངས་ ༦༠ ཙམ་ཡོད་ལུགས་དང། ཡང་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡ ཉིན་འཕྲོད་བསྟེན་ལས་ཁུངས་ཀྱིས་སྤེལ་བའི་གནས་ཚུལ་ནང་། ཕྱི་ལོ་ ༢༠༡༠ ལོར་ཉམས་ཞིབ་བྱས་པ་བརྒྱུད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཁྱོན་བོད་མི་ ༡༣༠ ཙམ་ལ་ཨེ་ཙི་ནད་གཞི་འགོས་ཡོད་ཅིང་། དེའི་ནང་བོད་མི་ ༦༠ ཙམ་འདས་གྲོངས་སུ་ཕྱིན་ཡོད་ལུགས་འགྲེལ་བརྗོད་བྱས་ཡོད།བོད་ནང་ནས་སྨན་སྤྲུལ་དགེ་གྲགས་ལགས་ནས་བརྩམས་པའི་ཨེ་ཙི་སྐོར་གྱི་དེབ་ཆུང་ནང་འཁོད་དོན། ཕྱི་ལོ་ ༢༠༠༩ ལོར་བོད་རང་སྐྱོངས་ལྗོངས་སུ་ཨེ་ཙི་ནད་པ་མི་གྲངས་ ༡༠༣ དང་། ༢༠༠༨ ལོར་མཚོ་སྔོན་ཞིང་ཆེན་དུ་ཨེ་ཙི་ནད་པ་མི་གྲངས་༡༦༧། ༢༠༠༩ ལོར་ཀན་སུ་ཞིང་ཆེན་ལ་ཨེ་ཙི་ནད་པ་མི་གྲངས་༢༨༧། ༢༠༠༩ ལོར་ཡུན་ནན་ཞིང་ཆེན་དུ་ཨེ་ཙི་ནད་པ་མི་གྲངས་ ༧༢༩༣༩ ཡོད་ཅིང། ཡིན་ཡང་ ༢༠༡༠ ལོར་མི་གྲངས་ ༡༦༡༨༦༣ ལ་འཕར་ཡོད་པ་དང། ལོ་གཅིག་གི་ནང་ལ་མི་གྲངས་ ༨༨༩༢༤ འཕར་ཡོད་འདུག ༢༠༠༩ ལོར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་ཨེ་ཙི་ནད་པ་ ༣༠༡༠༠ ཡོད་པ་རེད་ཅེས་གསལ་འདུག གོང་གསལ་ཨེ་ཙི་ནད་པའི་གྲངས་འབོར་འདི་ས་ཁུལ་འདི་དག་གི་སྤྱིའི་གྲངས་འབོར་ཡིན་པ་ལས་བོད་རིགས་གཅིག་པུ་ཡིན་ཚོད་མི་འདུག་ལ། ཡིན་ནའང་བོད་ཀྱི་ས་ཁུལ་དུ་ནད་ངན་འདི་དར་ཁྱབ་ཆེན་པོ་འགྲོ་རྒྱུ་ཡིན་པ་ཛ་དྲག་དང་ཚད་གཞི་མཐོ་པོར་སླེབས་ཡོད་པ་རེད།

ཨི་ཙེའི་ནད་འདི་ཆེས་ཐོག་མར་ཨ་ཧྥི་རི་ཁའི་ཡུལ་གྲུ་ནས་

དུས་རབས་ ༡༩ དུས་མཇུག་ཙམ་ནས་བྱུང་ཡོད་ཅིང་། རིམ་བཞིན་

འཛམ་གླིང་རྒྱལ་ཁབ་གཞན་ལ་འགོས་ཁྱབ་སོང་ཞིང་། མ་འོངས་པར་

ཨེ་ཤ་ཡའི་ས་ཁུལ་ལ་དར་ཁྱབ་ཆེ་རུ་འགྲོ་རྒྱུ་ཡིན་པ་ཉེན་ཁ་ཆེན་པོ་

ཡོད་ཅིང། ལྷག་པར་རྒྱ་ནག་དང་། རྒྱ་གར། ཧིན་དྷུ་ཉི་ཤི་ཡ་གསུམ་ནི་

མ་འོངས་པར་ཨེ་ཙི་ནད་པ་ཆེས་མང་བའི་རྒྱལ་ཁབ་ཏུ་འགྱུར་ངེས་པར་

ཚོད་དཔག་བྱེད་བཞིན་ཡོད།

ད་ལྟ་ནས་ཚང་མས་ནད་ངན་འདིར་དོ་སྣང་དང་། སྔོན་འགོག་གི་ཐབས་ཤེས་གང་ཐུབ་མ་བྱས་ཚེ། ནམ་ཞིག་རི་ལུད་པ་ཐག་པས་མི་འདོམ་པའི་དཔེ་ལྟར། བོད་མིའི་སྤྱི་ཚོགས་ནང་ནད་ངན་འདི་དར་ཁྱབ་ཆེ་རུ་ཕྱིན་ཚེ། མི་རྒྱུད་དང་ཁྱིམ་རྒྱུད་སྟོང་རྒྱུ་ཡིན་པ་ཟད། མཐའ་ན་རྒྱལ་ཁབ་དང་མི་རིགས་རྩ་སྟོང་དུ་འགྲོ་སྲིད་པས། ནད་ངན་འདིར་ཚང་མས་ལྷོད་གཡེང་རྩ་བ་ནས་མ་གནང་བར་དོ་སྣང་དང་སྔོན་འགོག་གི་ལས་གཞི་གང་མང་སྤེལ་ཏེ་ང་ཚོ་མི་རེ་ངོ་རེ་ནད་ངན་འདིའི་སྡུག་སྔལ་ནང་མ་ལྷུང་བར་ཐབས་ཤེས་བྱེད་དགོས་པའི་འགན་འཁྲི་ཆེན་པོ་ལྡན་ཡོད།

གང་འདྲ་ཞིག་ལ་ HIV སྲིན་འབུ་ཟེར་རམ།

HIV སྲིན་འབུ་ནི་མིའི་གཟུགས་པོའ་ིནང་ལྷན་སྐྱེས་ཀྱི་ནད་• གཞི་སྔོན་འགོག་གི་ནུས་པ་དེ་རིམ་པས་ཉམས་སུ་འཇུག་མཁན་གྱི་འབུ་ཞིག་རེད།

གལ་སྲིད་དུས་ཐོག་ཏུ་སྨན་བཅོས་མ་བྱས་ཚེ་སྲིན་འབུ་དེས་རྐྱེན་• པས་ AIDS ཨེ་ཙི་འཕོག་ངེས་རེད། གང་འདྲ་ཞིག་ལ་ AIDS ཨེ་ཙི་ཟེར་རམ།

AIDS ཨེ་ཙི་ནི་མིའི་ལྷན་སྐྱེས་ཀྱི་ནད་ཞིག་མ་ཡིན་པར་ཕྱིས་• བྱུང་སྲིན་འབུས་ལྷན་སྐྱེས་ཀྱི་ནད་གཞི་སྔོན་འགོག་གི་ནུས་པ་ཉམས་སུ་འཇུག་ནས་ནད་རྟགས་འདྲ་མིན་མང་པོ་ཐོན་པའི་ཚབ་ཆེན་གྱི་ན་ཚ་ཞིག་ལ་ཟེར།

HIVསྲིན་འབུ་ཡོད་པའི་མི་ཞིག་ལ་རང་བཞིན་ལྷན་སྐྱེས་ཀྱི་•

ནད་གཞི་སྔོན་འགོག་ནུས་པ་ཉམས་ནས་ན་ཚ་འདྲ་མིན་འཕོག་

སྟེ་ཨེ་ཙི་AID ན་བར་མངོན།

ཨེ་ཙི་འགོས་ཁྱབ་ཀྱི་རྒྱུད་རིམ།

• HIV སྲིན་འབུ་དེ་མིའི་ལུས་ཁམས་ཀྱི་ཁུ་བ་འདྲ་མིན་ཏེ་དཔེར་ན་ཁྲག་དང་། ཐིག་ལེ། མོ་མཚན་གྱི་ཁུ་བ། གཤེར་ཁུ་འཛག་ཐོན། ཨ་མའི་ནུ་ཞོ་སོགས་རྒྱུད་ནས་འགོས་ཀྱི་ཡོད།

HIV སྲིན་འབུའི་རྒྱུད་ལམ།

འགྱིག་ཤུབ་བེད་མི་སྤྱོད་པར་ལུས་འབྲེལ་བྱེད་པ། •

སྲིན་འབུ་འགོས་པའི་ཁབ་དང་། སྨན་ཁབ། སྐྲ་བཞར་གྲི། གཞན་• ཉལ་ཐག་དང་འབྲེལ་བའི་མྱོས་རྫས་ཀྱི་མཁོ་ཆས་རིགས་མཉམ་སྤྱོད་བྱེད་པ།

སྲིན་འབུ་ལྡན་པའི་མ་ཡིས་མངལ་ལ་ཡོད་པའི་ཕྲུ་གུ་དང་། དེ་• བཞིན་ཕྲུ་གུ་སྐྱེས་སྐབས་དང་ནུ་གསོས་བྱེད་སྐབས་སོགས།

ཁྲག་དང་ཁྲག་ཁ་གསབ་སོགས་བྱེད་སྐབས་སྲིན་འབུ་ཡོད་པའི་• ཁྲག་བེད་སྤྱོད་པ་སོགས་ལས་འགོས་སྲིད།

རྒྱུན་དུ་མཚན་མ་དང་ཤང་ལམ་སོགས་རྒྱུད་ནས་ལུས་འབྲེལ་བྱེད་• སྐབས་འགྱིག་ཤུབ་ངེས་པར་དུ་གྱོན་དགོས།

ཁབ་དང་སྨན་ཁབ་སོགས་ཀྱི་མཁོ་ཆས་རིགས་ནམ་ཡང་མཉམ་• སྤྱོད་བྱེད་མི་རུང་།

གལ་སྲིད་ཁྱེད་རང་ལ་ HIV སྲིན་འབུ་ཡོད་ཚེ་རྒྱུན་དུ་སྨན་• བཅོས་ལྟ་སྐྱོང་ཞུ་དགོས།

རྒྱུན་དུ་ HIV སྲིན་འབུའི་སྐོར་ཁ་གསང་པོས་གཞན་དང་གོ་• བསྡུར་དང་། གཞན་ལས་སློབ་གསོ་ལེན་དགོས།

ཇི་ལྟར་བྱས་ན་སྲིན་འབུ་འགོས་མི་སྲིད་དམ།

ལུས་ལ་རེག་པ་དང་། ལག་པ་གཏོང་བ། ཕན་ཚུན་འཐམ་པ། ཆུ་ཏོ་• སྐམ་པོས་འོ་བྱས་པ།

ཨ་ཅོར་དང་ལག་ཕྱིས། གྱོན་གོས་སོགས་མཉམ་སྤྱོད་བྱེད་པ།•

1 2 3